Сидеть под деревом и ждать зайца

སྡོང་རྩར་་བསྡད་ནས་རི་བོང་སྒུག་པ།

    ཀྲན་གའི་དུས་རབས་སྐབས། སང་གོར་ཞིང་པ་ཞིག་ཡོད། ཁོས་རྟག་པར་བསམ་བློ་སྐྱིད་པོ་ཤ་སྟག་བཏང་སྟེ་གནམ་ལས་ཤ་བག་ལེབ་བབས་པའི་རེ་བ་བྱེད་ཀྱི་ཡོད། ཐེངས་གཅིག་ཁོས་ཞིང་ལས་བྱེད་སྐབས་རི་བོང་ཞིག་རྒྱུགས་ཡོང་སྟེ་ལྗོནཤིང་གི་སྡོང་པོ་གཅིག་ལ་རྡུང་ཁ་ཐེངས་ནས་ཤི་བ་མཐོང་། དེས་ན་ཁོས་ཧ་ཧ། ང་ལ་ལམ་འགྲོ་བྱང་སོང་། དེ་རིང་ང་ལ་གྲོག་ཡག་པོ་དེ་འདྲ་ཞིག་འཕྲད་སོང་ཞེས་ཤོད་བཞིན་དུ་ལག་ཐོགས་ཀྱི་ཞིང་ཆས་བཞག་སྟེ་དགའ་སྤྲོའི་ངང་རི་བོང་དེ་ཡར་བསྒྲུབས་པ་དང་སྦྲགས་ནང་ལ་ལོག་ནས་རི་བོང་གི་ཤ་བཙ་བར་འགྲོ་ཞེས་ཤོད་བཞིན་ད་ཁྱིམ་ད་སོང་། ཡུད་ཙམ་སོང་རྗེས་་རི་བོང་གི་ཤ་བཙས་ཚར་བས་ཁོས་ཨ་རག་འཐུང་་བཞིན་རི་བོང་གི་ཤ་བཟས་ནས་སེམས་ཧ་ཅང་ སྐྱིད་སྣང་འཆར། སྐབས་དེར་ཁོས་རྟག་པར་གྲོག་དེ་འདྲ་དང་འཕྲད་ན་ཡག་པོ་ག་ཚད་ཡོད་པ་མ་རེད་དམ། དེ་རིང་རི་བོང་གཅིག་སྒྲུབ་སང་ཉིན་གཅིག་སྒྲུག་གནངས་ཉིན་ཡང་ཞེས་བསམ་བཞིན་སྐྱིད་སྣང་འཆར་ཏེ་གལ་ཏེ་དངོས་འབྲེལ་དེ་འདྲ་བྱུང་ན་ངས་ཉིན་ལྟར་ས་ལ་ཁ་གཏད་པ་དང་རྒྱབ་ནམ་མཁར་ཕྱོགས་ཏེ་སྡུག་ལས་བྱེད་དགོས་དོན་ཅི་ཡོད་སྙམ། ཕྱི་ཉིན་ནས་བཟུང་ཁོས་ཞིང་ནང་དུ་ལས་ཀ་བྱེད་པར་མ་སོང་བར་ཉིན་ལྟར་རི་བོང་གིས་རྡུང་ཁ་རྒྱག་སའི་ལྗོན་ཤིང་སྡོང་པོ་དེའི་འོག་ཏུ་བསྡད་དེ་རི་བོང་རྡུང་ཁ་རྒྱག་པར་ཡོང་བསྒྲུགས་ནས་བསྡད། མཐར་ཁོར་རི་བོང་གཅིག་ཀྱང་བསྒྲུག་རྒྱུ་བྱུང་མེད། འཇིག་རྟེན་ཐོག་བྱ་བ་མང་པོ་ཞིག་འཕྲད་ སྲིད་ཀྱང་ཡོང་རེ་བྱ་ཐབས་བྲལ། གལ་ཏེ་གློ་བར་དུ་ཐོབ་པའི་དངོས་གྲབ་དེར་ཉིན་ལྟར་ཡོང་རེ་བྱས་ན་གང་ནས་ཡོང་། གྲོགས་པོ་ཆུང་ཆུང་ཚ། རང་རེའི་བསམ་འདུན་དག་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་བྱེད་དགོས། གནམ་ལས་ཤ་བག་ལེབ་གཏན་ནས་འབབ་མི་སྲིད། གང་གི་དུས་སུའང་བྱ་བ་བཟང་པོས་ང་ཚ་བསྒྲུགས་ནས་སྡོད་མི་སྲིད། གནས་ལུགས་འདི་ཁྱེད་ཀྱིས་ཤེས་སམ།

    Во времена царя Тронко в одной местности подназванием Сунго жил был крестьянин. Он всегда рассчитывал только на удачу, и надеялся, что мясо с
хлебом упадут ему прямо с неба. Как-то раз, когда он занимался работой в поле, он увидел, как пробегающий заяц столкнулся со стволом дерева и умер. Он сказал: «Ха,ха! Ко мне пришла удача! Сегодня у меня случилось такое везенье!»
    И, отложив свои инструменты, он с радостным настроением забрал зайца, сказав: «Вернусь домой и сварю зайчатину». Вскоре он сварил зайчатину и, когда ел мясо, впал в благостное настроение, как будто опьянел, выпив спиртного. Он думал, что вот теперь то, если ему так постоянно будет везти, разве это не будет очень хорошо? Сегодня дождался зайца, завтра дождется зайца, послезавтра тоже дождется зайца! И думая так, он становился все более счастливым. «В случае, если это действительно будет так происходить, какой же смысл мне каждый день так тяжело работать, нагнувшись лицом в землю, а спиной в небо?», - так думал он.
    Начиная со следующего дня он, не делая более никакую работу в поле, каждый день сидел под деревом, об которое ударился заяц, и ждал, что заяц опять врежется в дерево. Но, в конце концов, он не дождался ни одного зайца.
    В мире возможно встретить много разных событий, но не надо надеяться, что это опять произойдет. Если совершенно внезапно мы получили что-то, и если будем надеяться, что это снова будет происходить каждый день, с чего бы это обязательно должно случиться?
    Маленькие друзья! Наши собственные надежды должны основываться на наших собственных усилиях. Мясо с хлебом не может упасть с неба. А добрые дела никогда не будут нас ждать.Это естественное положение дел. Теперь вы знаете это?

Словарь

རི་བོང་ заяц, кролик
སྒུག་ ждать
དུས་རབས་ век, времена
ཞིང་པ་ земледелец, крестьянин
ཁོ་ он
རྟག་པར་ всегда, постоянно
ཤ་སྟག་ только лишь
གནམ་ небо
ཤ་ мясо
བག་ལེབ་ хлеб
རེ་བ་བྱེད་ надеяться
ཐེངས་གཅིག་ однажды
ཞིང་ལས་བྱེད་ работать в поле
རྒྱུགས་ཡོང་ бежать
ལྗོན་ཤིང་གི་སྡོང་པོ་ ствол дерева
རྡུང་ удариться
ཤི་ умирать
མཐོང་ видеть
ལས་འགྲོ་བྱུང་ «открылась дорога» удача, везение
དེ་རིང་ сегодня
གྲོག་ཡག་པོ་འཕྲད་ встретить везение, содействие
དེ་འདྲ་ такой, такое, так
ལག་ཐོགས་ཀྱི་ཞིང་ཆས་ сельхоз инструменты
བཞག་ положить, поставить
དགའ་སྤྲོའི་ངང་ радостное настроение
ཡར་བསྒྲུགས་ подобрать, собрать
སྦྲགས་ уложить, сложить
ནང་ལ་ домой
ལོག་ вернуться
བཙ་ варить
ཁྱིམ་ дом
ཡུད་ཙམ་སོང་རྗེས་ через некоторое время
ཨ་རག་ водка
འཐུང་ пить
བཞིན་ подобно, как будто
བཟས་ནས་ поев, съев
སེམས་སྐྱིད་སྣང་ счастливый, радостный
ག་ཚད་ сколько
གཅིག་ один
སང་ཉིན་ завтра
གནངས་ཉིན་ послезавтра
ཡང་ тоже, опять
བསམ་བཞིན་ так думать
སྐྱིད་སྣང་འཆར་ быть счастливым
ཏེ་གལ་ཏེ་ в таком случае
དངོས་འབྲེལ་ действительно
ཉིན་ལྟར་ ежедневно
ས་ལ་ཁ་གཏད་པ་ лицом к земле
རྒྱབ་ནམ་མཁར་ཕྱོགས་ спиной к небу
སྡུག་ལས་བྱེད་ тяжелая работа
དགོས་དོན་ необходимость
ཅི་ какая, что
སྙམ་ думать
ཕྱི་ཉིན་ནས་བཟང་ начиная со следующего дня
ལས་ཀ་བྱེད་ работать
རྡུང་ཁ་རྒྱག་ས་ место, где ударился
འོག་ཏུ་ под
བསྡད་ сидеть
མཐར་ в конце концов, в итоге
འཇིག་རྟེན་ земля, мир
བྱ་བ་ действие, событие
མང་པོ་ много
འཕྲད་ встретить, столкнуться
སྲིད་ возможно
གློ་བུར་དུ་ внезапно
དངོས་གྲབ་ достижение
གྲོགས་པོ་ друг
ཆུང་ཆུང་ маленький
འབད་བརྩོན་ усилия, старания
ལ་བརྟེན་ནས་ на основании, опираясь
གཏན་ནས་ совсем, вообще
འབབ་ упасть
མི་སྲིད་ не возможно
བྱ་བ་བཟང་པོ་ добрые дела
གནས་ལུགས་ положение, исконная природа
ཁྱེད་ ты
ཤེས་ знать