Одно гнилое яблоко

ཀུ་ཤུ་རུལ་པ་གཅིག

    སྔོན་མི་ཕྱུག་པོ་ཞིག་ལ་སྤྱོད་པ་ཡག་ཅིང་ཁ་ལ་ཉན་པའི་བུ་ཞིག་ཡོད། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་སློབ་གྲྭའི་ནང་དུ་གྲོགས་པོ་སྡུག་ཅག་འགའ་ཤས་དང་ཐུག་པ་རེད། ཕ་ཡིས་གྲོགས་པོ་ངན་པ་དེ་རྣམས་ལས་རྒྱང་རིང་དུ་སྡོད་དགོས་པའི་སློབ་གསོ་ག་ཆོད་བྱས་ཀྱང་བུས་རྣ་མཆོག་རྒྱབ་ཀྱི་ལྷག་པ་ལྟར་སྣང་མེད་ལ་བཏང་། བུ་དེས་གྲོགས་པོ་ཚ་དང་མཉམ་དུ་གང་སར་འཁྱམས་པ་མ་ཟད། ཆོ་མེད་ཀྱི་སྐད་ཆ་ཁོ་ན་བཤད་ནས་མི་ཚ་སྟོང་ཟད་ལ་སྐྱེལ་གྱི་ཡོད། སློབ་གྲྭའི་དགེ་ཆེ་ནས་བཏང་བའི་ཁོའི་་གནས་ཚུལ་ཐབས་རྡུགས་རྣམས་མཐོང་སྐབས་ཕ་ཡི་སེམས་ལ་ན་ཟུག་དྲག་པོ་གཏང་གི་ཡོད། འོན་ཀྱང་ད་ཆ་བྱ་ཐབས་གང་ཡང་མེད་པར་ལྷག་ཉིན་གཅིག་མི་ཕྱུག་པོ་དེར་རིག་པ་གསར་པ་ཞིག་རྙེད་པ་དང་། ཁོས་ཁྲོམས་ལ་ཕྱིན་ནས་ཀུ་ཤུ་གསོས་པ་གང་མང་འཚམས་ཉོས་པ་དང་། ད་དུང་ཀུ་ཤུ་རུལ་པ་ཁ་ཤས་ཀྱང་ཉོས་པ་རེད། དེ་ནས་ཁོས་བུ་ལ་ཀུ་ཤུ་གསོས་པ་རྣམས་སྣོད་གཅིག་གི་ནང་དུ་བླུག་ཏུ་བཅག་པ་དང་། ཕ་ཡིས་ཀུ་ཤུ་རུལ་པ་གཅིག་ཀྱང་སྣོད་དེའི་ནང་དུ་མཉམ་དུ་བླུགས། ཉིན་ཤས་ཀྱི་རྗེས་སུ་བུ་ལ་ཤིང་ཏོག་བླུག་སའི་ སྣོད་དེ་འཁྱེར་ཤོག་ཅེས་བཤད། བུས་ཀྱང་ཕས་བརྗོད་་པ་ལྟར་ཤིང་ཏོག་རྣམས་འཁྱེར་ཡོང་སྐབས་ཤིང་ཏོག་ཆ་ཚང་རུལ་ཡོད་པ་མཐོང་ནས། ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་སྤུས་དག་ཆ་ཚང་འཕྲོ་བརླག་ལ་བཏང་འདུག་ཅེས་བཤད། སྐབས་དེར་ཕ་ཡིས་ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་གསོས་པ་ཡོངས་རྫོགས་འཕྲོ་བརླག་ལ་བཏང་བ་ནང་བཞིན་ བུ་མ་རབས་ཅིག་བུ་ཡ་རབས་མང་པོའི་མི་ཚ་འཕྲོ་བརླག་ལ་གཏང་གི་རེད་ཅེས་བརྗོད་པས། བུ་ལ་བསླབ་བྱ་ལེགས་པོ་ཞིག་ཐོབ་སྟེ། དེ་ནས་བཟུང་་ཁོས་གྲོགས་པོ་ངན་པ་ཚ་སྤངས་བ་རེད།། གཏམ་དཔེ། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས།། ཟས་ངན་གཅིག་གི་ལུས་ཀྱི་སྟོད་སྨད་དཀྲུགས།།

 

    Давным-давно у одного богатого человека был сын, который вел себя хорошо и был послушным. Но, к несчастью, он повстречал в школе несколько плохих друзей. И хотя отец и поучал его, что нужно держаться подальше от таких плохих друзей, сын пропускал это мимо ушей, не придавая этому никакого внимания. Сын слонялся везде с этими друзьями, болтал с ними ни о чем и тратил свою жизнь впустую.
    Учителя указывали на эту дурную ситуацию, и, взирая на это, отец чувствовал сильную боль в душе, но не мог ничего с этим поделать.
    Однажды этому богатому человеку пришла на ум новая идея. Он отправился на рынок и купил несколько свежих яблок. В добавок к ним также купил несколько гнилых. Затем он он попросил сына положить свежие яблоки в один сосуд и также вместе с ними положил внутрь всего одно гнилое яблоко. Через несколько дней он попросил сына принести яблоки оттуда, где они лежали. Сын сделал, как просил отец, но когда он принес яблоки, увидел, что они все сгнили. Он сказал: «Надо же, из-за одного единственного гнилого яблока все хорошие яблоки пропали!» Тогда отец сказал: «Так же, как из-за одного гнилого яблока портятся все свежие, так и из-за одного низкого человека много благородных и возвышенных людей могут испортится и потратить свою жизнь впустую». Сын получил хороший урок и с этого момента отказался от плохих друзей.
    Тибетская поговорка:
    Один плохой человек сеет смуту сверху до низу страны, одно плохое кушанье взбаламучивает сверху до низу все тело.
Словарь:

ཀུ་ཤུ་ яблоко
རུལ་པ་ гниль, порча, разложение
སྤྱོད་པ་ཡག་ хорошее поведение
ཁ་ལ་ཉན་པ་ слушаться, быть послушным
སེམས་སྐྱོ་བ་ разочарование, печаль,
སྡུག་ཅག་ плохой
འགའ་ཤས་ несколько
རྒྱང་རིང་དུ་སྡོད་ держаться подальше
སློབ་གསོ་བྱས་ учить
རྣ་མཆོག་རྒྱབ་ཀྱི་ལྷགས་པ་ ветер за ушами
སྣང་མེད་བཏང་ быть безразличным, не обращать внимания
ཆོ་མེད་ཀྱི་སྐད་ཆ་  пустые разговоры, сплетни, болтовня
མི་ཚ་སྐྱེལ་ проводить жизнь
སྟོང་ཟད་ལ་ тратить впустую, пустой и праздный
དགེ་ཆེ་ учитель
གནས་ཚུལ་ ситуация
གསོས་པ་ свежий
སྣོད་ сосуд, посуда
ཐབས་རྡུགས་ несостоятельность, плохое поведение
ན་ཟུག་ боль
དྲག་པོ་ сильный, жестокий, яростный
ད་ཆ་ сейчас, в этом случае
ལྷག་ более, сверх
རིག་པ་གསར་པ་ новая идея
རུལ་པ་ гнилой
བླུག་ཏུ་བཅུག་ попросить положить
འཁྱེར་ приносить
ཆ་ཚང་ все, все части
སྤུས་དག་ хорошего качества
འཕྲོ་བརླག་ལ་བཏང་ пропасть впустую
སྐབས་དེར་ тогда
ཡོངས་རྫོགས་ все, полностью,
མ་རབས་ вульгарный, низкого поведения, грубый, недостойный
ཡ་རབས་ благородное поведение, возвышенный
བསླབ་བྱ་ལེགས་པོ་ хороший совет
དེ་ནས་བཟུང་ с тех пор
སྤངས་ отбрасывать, отказываться